ང་བཅས་ཀྱི་སྐོར།

ནོར་མང་གསར་རྩལ་ཚོང་སྡེ།

ང་བཅས་འདི་ ད་རེས་ནངས་པའི་འཕྲུལ་ཆས་དང་ ཨང་གནས་ཅན་གྱི་བརྒྱུད་ལམ་ དེ་ལས་ རང་ལུགས་སྒྱུ་རྩལ་གྱི་ཐབས་ཤེས་ལག་ལེན་འཐབ་སྟེ་ གསར་བཏོད་ཀྱི་ལཱ་འབད་ནི་ལུ་ དང་འདོད་ཡོད་པའི་ གསར་རྩལ་ཅན་གྱི་བཟོ་བཀོད་པ་ དེ་ལས་ ཐབས་རིག་ཅན་གྱི་བཟོ་འཆར་བརྩམ་མི་གི་ སྡེ་ཚན་ཅིག་ཨིན། ཚན་རིག་དང་རིག་གཞུང་ སྲིད་དོན་དེ་ལས་དངུལ་བཟོ་ནི་གི་ལམ་སྟོན་ཚུ་ནང་ཚད་འཛིན་ཨིན་རུང་ ང་བཅས་ཀྱིས་ སྤུས་ཚད་ཅན་གྱི་རྒྱང་བསྒྲགས ༼audio visual༽ དང་ བརྡ་བརྒྱུད་ཀྱི་ལག་ཆས་ཚུ་ ཁེ་ཏོག་ཏོ་སྦེ་སྤྲོདཔ་ཨིན། ང་བཅས་ཀྱི་སྡེ་ཚན་ནང་ མོས་མཐུན་གྱི་ཐོག་ལས་ ང་བཅས་ཀྱི་ལས་མགྲོན་པ་ཚུ་ལུ་ མཆོག་གྱུར་ཅན་གྱི་ གྲུབ་འབྲས་སྤྲོད་ནི་གི་ དམིགས་པ་འགྲུབ་ནི་གི་དོན་ལུ་ དང་འདོད་ཅན་གྱི་མི་ངོམ་ཚུ་ཡོདཔ་ཨིན།

ནོར་མང་གསར་རྩལ་ཚོང་སྡེ་འདི་ གསར་རྩལ་དང་སྙིང་རུས་ཀྱིས་འབད་བརྩོན་ཡོདཔ་ལས་ འབྲུག་རྒྱལ་ཁབ་དང་ལྷག་པར་དུ་ཕྱི་རྒྱལ་ལས་ཕར་ སྤུས་ཚད་ཅན་གྱི་ཚོང་མགྲོན་ཞབས་ཏོག་ཕུལ་ནི་གི་ རིམ་སྒྲིག་འབད་ནི་ལུ་བརྩོནམ་ཨིན།

ནོར་མང་གསར་རྩལ་ཚོང་སྡེ་གི་དམིགས་སྐྱེད་འདི་ ཚོང་མགྲོན་པ་ཚུ་གི་ དགོས་མཁོ་ཚུ་ སྙིང་རུས་བསྐྱེད་ དེ་མ་ཚད་ འགན་ཁག་འབག་ཐོག་ལས་  སྤྲོད་ནི་འདི་ཨིན། ང་བཅས་འདི་ ཚོང་མགྲོན་པ་གི་དགོ་འདོད་ཚུ་ གདོང་ཁར་བཙུགས་ཏེ་ དང་ལེན་ཐོག་ལས་གྲུབ་འབྲས་བཏོན་ཚུགས་པའི་ ཚོང་སྡེ་ཅིག་ཨིན། ང་བཅས་ཀྱི་ ཚོང་སྡེ་གིས་ ཞབས་ཏོག་ཚུ་ སྤུས་ཚད་ཅན་དང་མགྱོགས་དྲགས་སྦེ་ ཚོང་མགྲོན་པ་ཚུ་གི་རེ་བ་ལས་ལྷག་སྟེ་ཕུལ་ནི་ལུ་ཁས་བླངས་འབདཝ་ཨིན།

དྲང་བདེན- ང་བཅས་ཀྱིས་ ང་བཅས་ཀྱི་ཚོང་མགྲོན་པ་ཚུ་གིས་ ང་བཅས་ལུ་ཡོད་པའི་ ལྕོགས་གྲུབ་དང་འཇོན་ཐང་ཚུ་ལུ་ བློ་གཏད་དང་ཡིད་ཆེས་ བསྐྱེད་ཚུགསཔ་བཟོཝ་ཨིན།

བརྩོན་འགྲུས– ང་བཅས་ཀྱི་ལས་གཡོགཔ་ཚུ་གིས་ ཚོང་མགྲོན་པ་ཚུ་གི་དམིགས་དོན་དང་རེ་བ་ཚུ་ལས་ ལྷག་སྟེ་འབད་ནི་ལུ་ བརྩོན་འགྲུས་བསྐྱེདཔ་ཨིན།

གསར་རྩལ་ཅན– ང་བཅས་ཀྱིས་ ཞབས་ཏོག་སྤྲོད་པའི་སྐབས་ ཚོང་མགྲོན་པ་ཚུ་གི་རེ་བ་དང་དགོ་འདོད་ཚུ་ ཡར་འཕེལ་འགྱོ་ནི་ལུ་ ཞབས་ཏོག་ནང་གསར་རྩལ་འདི་དགོས་མཁོ་ཅན་སྦེ་བཞགཔ་ཨིན།

ཚོང་མགྲོན་པ– ང་བཅས་ཀྱིས་ ཚོང་མགྲོན་པ་ཚུ་གི་ སྤྲོ་བ་དང་དགོ་འདོད་ཚུ་ གཙོ་རིམ་ཅན་བཟོ་སྟེ་ ང་བཅས་ཀྱི་རྣམ་གཞག་ཚུ་ཡང་ ཁོང་གི་རེ་འདོད་དང་བསྟུན་ ལེགས་སྒྱུར་འབདཝ་ཨིན།

དམིགས་དོན།

༡༽ ཚན་རིག་ མི་སྡེ་ ལམ་སྲོལ་དང་སྲིད་དོན་གྱི་དགོ་འདོད་དང་ དེ་ལས་རེ་བ་ཚུ་དང་བསྟུན་ སྤུས་ཚད་ཅན་གྱི་ བརྡ་བརྒྱུད་དང་བརྡ་སྤྲོད་ཀྱི་རྒྱུ་ཆའི་ ཞབས་ཏོག་ཕུལ་ནི་འདི་ཨིན།

༢༽ ཞབས་ཏོག་ཚུ་ ཚོང་མགྲོན་པ་ཚུ་གི་ བསམ་ལན་དེ་ལས་དགོས་མཁོ་དང་བསྟུན་ སྒྲིག་བཀོད་བསྐྱར་བཟོ་འབད་ནི་ལུ་གཙོ་བོར་བཏོན་ཏེ་ ཚོང་མགྲོན་པ་ཚུ་གི་རེ་བ་ལས་ལྷག་སྟེ་སྤྲོད་ནི་འདི་ཨིན།

༣༽ ཞབས་ཏོག་དང་གྲུབ་འབྲས་ཚུ་ དུས་ཚད་ཁར་སྤུས་ཚད་ཅན་སྦེ་སྤྲོད་དེ་ ཏི་རུ་དེ་ལས་ལྷག་པར་དུ་ ཞབས་ཏོག་ལུ་བརྩི་མཐོང་བསྐྱེད་ཚུགསཔ་བཟོ་ནི་འདི་ཨིན།

Our Team, Our Strength

Customers may define your brand, but your team is your brand.

Sonam Yoezer

CEO & Founder

Ugyen Wangchuk

Executive Director

Choni Dorji

Cinemato-grapher

Pema Lethro

Video Editor

Lobzang Jamtsho

VFX Artist

Ngawang Loday

System Administrator

Sanga Gyeltshen

Finance Head

Phuntsho Wangdi

Photographer

©2022. Normang Creative Groups. All Rights Reserved.